|
| 1 |
|
| ༼ཨ་སབ་ཀྱི་མགུར༌མ།༽ ཡེས་ར་ཨེལ་དང་སེམས་པ་རྣམ་དག༌ལ། །དཀོན་མཆོག་བཟང་པོ་ལགས་པར་གདོན་མི༌ཟ།། |
|
| 2 |
|
| འོན་ཀྱང་ང་ཡི་རྐང་པ་འདྲེད་ལ༌ཉེ། །གོམ་སྟབས་དོན་མེད་འགྱེལ་ལ་ཁད་ཙམ༌བྱུང༌།། |
|
| 3 |
|
| རྒྱུ་མཚན་མི་ངན་དར་ལུགས་ངས་མཐོང༌ཞིང༌། །ང་རྒྱལ་ཅན་ལ་བདག་ནི་ཕྲག་དོག༌སྐྱེས།། |
|
| 4 |
|
| དེ་རྣམས་འཆི་བའི་དུས་སུ་ཟུག་གཟེར༌མེད། །ཁོག་པ་རྒྱགས་ཤིང་སྟོབས་ཀྱང་རྒྱས་པ༌ཡིན།། |
|
| 5 |
|
| དེ་ཚོར་གཞན་ལྟར་དཀའ་སྡུག་མི་འབྱུང༌ལ། །གཞན་པ་ནང་ལྟར་རྐྱེན་ངན་ཡང་མི༌འཕྲད།། |
|
| 6 |
|
| དེའི་ཕྱིར་ང་རྒྱལ་དེ་ཚོའི་མགུལ་རྒྱན༌ཡིན། །གདུག་རྩུབ་གོས་བཞིན་དེ་ཚོས་གྱོན་བྱེད༌དོ།། |
|
| 7 |
|
| ལུས་ཕུང་རྒྱགས་པས་མིག་ཟུང་འབུར་དུ༌ཐོན། །དེ་ཚོའི་ངན་སེམས་བསམ་ཡུལ་ལས་ཀྱང༌འདས།། |
|
| 8 |
|
| མི་ལ་འཕྱ་ཞིང་སེམས་ངན་བཅངས་ནས༌ནི། །གཉའ་གནོན་གཏམ་རྣམས་སྨྲ་ཞིང་ཁ་ཕོ༌ཆེ།། |
|
| 9 |
|
| དེ་ཚོའི་ངག་གིས་ནམ་མཁར་སྐུར་བ་འདེབས། །དེ་ཚོའི་སྨྲ་བརྗོད་ས་གཞི་ཡོངས་ལ༌སླེབས།། |
|
| 10 |
|
| དེའི་ཕྱིར་ཁོང་གི་མི་རྣམས་དེའི་ཕྱོགས༌ལོག །མོད་པོ་ཆུ་ནི་ངོམ་པར་བཏུང་བ༌འོ།། |
|
| 11 |
|
| དེ་ཚོས་དཀོན་མཆོག་གིས་ནི་ཇི་ལྟར༌མཁྱེན། །བླ་ན་མེད་པར་ཤེས་ཡོན་ཡོད་དམ༌ཟེར།། |
|
| 12 |
|
| མི་ངན་འདི་ཚོར་ལྟོས་དང་ཁོ་རྣམས༌ནི། །རྟག་ཏུ་བདེ་བར་གནས་ཤིང་ནོར་ཡང༌འཕེལ།། |
|
| 13 |
|
| བདག་གིས་དོན་མེད་རང་སེམས་གཙང་མར༌བྱས། །ཉེས་མེད་མཚོན་ཕྱིར་ལག་ཟུང་བཀྲུས་པ༌སྟོང༌།། |
|
| 14 |
|
| རྒྱུ་མཚན་ང་ལ་ཉིན་གང་རྐྱེན་ངན༌བྱུང༌། །ཞོགས་པ་རེ་རེར་ང་ལ་ཉེས་ཆད༌ཕོག། |
|
| 15 |
|
| བདག་གིས་འདི་ལྟར་སྨྲ་འོང་ཞེས་བརྗོད༌ན། །ཁྱེད་ཀྱི་བུ་རྒྱུད་དག་ལ་ངོ་ལོག༌བྱས།། |
|
| 16 |
|
| དཀོན་མཆོག་གནས་མཆོག་ནང་དུ་ང་སོང༌སྟེ། །དེ་ཚོའི་མཐའ་མར་བསམ་བློ་བཏང་བའི༌བར། །ཇི་ལྟར་རྟོགས་ཕྱིར་བསམ་བློ་བསྐོར་དུས༌སུ། །ང་ཡི་མཐོང་ངོར་དེ་ནི་ཤིན་ཏུ༌དཀའ།། |
|
| 17 |
|
|
|
| 18 |
|
| ཁྱེད་ཀྱིས་དངོས་གནས་དེ་རྣམས་འདྲེད་སར༌བཞག །སྟོངས་ཕྱིར་དེ་དག་ཐུར་དུ་གཡུགས་མཛད༌དོ།། |
|
| 19 |
|
| དེ་རྣམས་སྐད་ཅིག་ཉིད་ལ་ཇི་ལྟར༌སྟོངས། །འཇིགས་སྣང་གིས་ནི་ཡོངས་སུ་མེད་པར༌བྱས།། |
|
| 20 |
|
| གཉིད་སད་རྨི་ལམ་ཇི་ལྟར་ཡིན་ན༌ནི། །ཀྱེ་ཀྱེ་གཙོ་བོ་ཁྱེད་ཉིད་མནལ་སད༌དུས། །དེ་ཚོའི་འཆར་སྣང་ལ་ནི་དེ་བཞིན༌སྨད།། |
|
| 21 |
|
| བདག་སེམས་འཚེར་ཞིང་སྙིང་ཁུང་ཕུག་དུས༌སུ།། |
|
| 22 |
|
| ང་ནི་ཅི་འདྲའི་གླེན་ཞིང་རྨོངས་པ༌ལ། །ཁྱེད་དྲུང་ང་རང་དུད་འགྲོ་ནང་བཞིན༌ཡིན།། |
|
| 23 |
|
| འོན་ཀྱང་ང་རང་ནམ་ཡང་ཁྱེད་དང༌འགྲོགས། །ཁྱེད་ཀྱིས་བདག་གི་གཡས་ལག་ནས་བཟུང༌ངོ༌།། |
|
| 24 |
|
| ཁྱེད་ཀྱིས་བཀའ་སློབ་གནང་ནས་ལམ་སྣ༌དྲངས། །ཕྱིས་སུ་གཟི་བརྗིད་ནང་དུ་བདག་འཁྲིད༌འོང༌།། |
|
| 25 |
|
| ནམ་མཁར་ཁྱེད་ལས་ང་ལ་གཞན་སུ༌ཡོད། །ས་གཞིར་ཁྱེད་མིན་ཅི་ཡང་ངས་མི༌འདོད།། |
|
| 26 |
|
| ང་ཡི་ལུས་དང་ང་ཡི་སེམས་རྒུད༌ཀྱང༌། །དཀོན་མཆོག་ང་ཡི་སེམས་ཀྱི་སྟོབས་ཡིན༌ལ། །བདག་གི་གཏན་མའི་ནོར་སྐལ་ཡང་ཡིན༌ནོ།། |
|
| 27 |
|
| གཟིགས་ཤིག་ཁྱེད་དང་གྱེས་པ་མེད་པར༌འགྱུར། །ཁྱེད་དང་བྲལ་ནས་ལོག་གཡེམ་སྤྱོད་པ༌རྣམས། །ཐམས་ཅད་ཁྱེད་ཀྱིས་རྨེག་མེད་མཛད་མོད༌ཀྱང༌།། |
|
| 28 |
|
| དཀོན་མཆོག་ཉེ་སར་བཏུད་པ་བདག་ལ༌ཕན། །ཁྱེད་ཀྱི་མཛད་པ་ཐམས་ཅད་བརྗོད་པའི༌ཆེད། །གཙོ་བོ་ཡ་ཝཱེ་ང་ཡི་སྐྱབས་གནས༌བྱས།། |
|
|
: |
| 1 | | 2 | | 3 | | 4 | | 5 | | 6 | | 7 | | 8 | | 9 | | 10 | | 11 | | 12 | | 13 | | 14 | | 15 | | 16 | | 17 | | 18 | | 19 | | 20 | | 21 | | 22 | | 23 | | 24 | | 25 | | 26 | | 27 | | 28 | 1
1
1 |
|
|---|
|
https://beblia.bible:81/BibleAudio/tibetian/psalms/073.mp3
150
73