བོད་འགྱུར་གསར་མ། 2023
|
| 1 |
| ༼གཱད་ཀྱི་དབྱངས་ནང་དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར༌མ།༽ ཀྱེ་ཀྱེ་ཡ་ཝཱེ་ངེད་ཀྱི་གཙོ་བོ༌ལགས། །ཁྱེད་ཀྱི་མཚན་སྙན་ས་གཞི་ཡོངས་སུ༌ཁྱབ། །ཁྱེད་ཀྱིས་རང་གི་གཟི་བརྗིད་ཆེན་པོ༌ནི། །ནམ་མཁའི་དབྱིངས་ལས་མཐོ་ཞིང་མངོན་པར༌མཛད།། |
| 2 |
| ཁྱེད་ཀྱིས་ཕ་རོལ་དགྲ་བོའི་རྐྱེན་ལ༌བརྟེན། །བྱིས་པ་དང་ནི་ཕྲུ་གུ་འོ་འཐུང་གི །ངག་ལས་སྟོབས་ཤུགས༌མངོན་པར་མཛད་པ་ཡིན། །དགྲ་དང་འཁོན་ལན་སློག་པའི་གཏམ་སྤྱོད༌བཀག། |
| 3 |
| ཁྱེད་ཀྱི་ཕྱག་ གིས་བཀོད་པའི་ནམ་མཁའ༌དང༌། །ཟླ་བ་སྐར་ཚོགས་བཤམས་པ་ངས་མཐོང༌སྟེ།། |
| 4 |
| མི་ནི་ཅི་ཡིན་ཁྱེད་ཀྱིས་ཐུགས་ཁུར༌མཛད། །མིའི་བུ་ཅི་ཡིན་ཁྱེད་ཀྱིས་གཟིགས་སྐྱོང༌གནང༌།། |
| 5 |
| ཁྱེད་ཀྱིས་ཕོ་ཉ་ དང་ནི་བསྡུར་བ༌ན། །ཁོང་ནི་ཅུང་ཙམ་དམའ་བར་མཛད་པ༌དང༌། །ཁོང་ལ་གཟི་བྱིན་གནང་སྟེ་གཙུག་རྒྱན༌གྱུར།། |
| 6 |
| ཁྱེད་ཀྱིས་དངོས་སུ་མཛད་པའི་དངོས་པོ༌སྟེ།། |
| 7 |
| གླང་དང་ར་ལུག་སྤང་གི་རི་དྭགས༌དང༌།། |
| 8 |
| ནམ་མཁའི་བྱ་དང་རྒྱ་མཚོའི་ཉ་རིགས༌དང༌། །མཚོ་ལམ་བརྒྱུད་ནས་འགྲོ་བ་ལ་སོགས༌པ། །འཇིག་རྟེན་མི་ཡི་རྐང་འོག་གནོན་པར༌མཛད།། |
| 9 |
| ཀྱེ་ཀྱེ་ཡ་ཝཱེ་ངེད་ཀྱི་གཙོ་བོ༌ལགས། །ཁྱེད་ཀྱི་མཚན་སྙན་ས་གཞི་ཡོངས་སུ༌ཁྱབ།། |
| ཟིན་བྲིས་ཉར། |
https://beblia.bible:81/BibleAudio/tibetian/psalms/008.mp3
150
8